Latest News

Auspicious Prayers for Sangyumla Rinchen Yangzom

By H.E Khenchen Lama Rinpoche 

༧རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གི་བདག་མོ་ལ་རང་བཞིན་བརྗོད་པ་
གངས་ཅན་བུ་མོའི་མཛེས་རྒྱན་ཡིད་བཞིན་ནོར་བུ།
ན་མོ་གུ་རུ་ཀརྨ་ས་ཏྭ།།
ཚོགས་གཉིས་སྨོན་ལམ་རྒྱ་མཚོའི་མཐར་ཕྱིན་ནས།།
དོན་གཉིས་ཡིད་བཞིན་ནོར་བུའི་དཔལ་སྦྱིན་མ།།
སྐུ་གཉིས་ཕྲིན་ལས་ཀུན་ཁྱབ་ཀུན་བཟང་མོ།།
རྨད་བྱུང་ལྷུན་གྲུབ་འཁོར་འདས་དགེ་ལེགས་སྩོལ།།
ཀུན་གཟིགས་སྣང་མཐའི་སྒྱུ་འཕྲུལ་ཞྭ་དམར་དང་།།
སྤྱན་རས་གཟིགས་དབང་མཐའ་ཡས་རྡོ་རྗེ་དཔལ།།
རྒྱལ་དབང་ཀརྨ་པ་ཞེས་ཡོངས་གྲགས་པའི།།
དམར་ནག་ཞྭ་ཡི་བདག་མོ་རྒྱལ་གྱུར་ཅིག།
ཆོས་ལྡན་སྦས་ཡུལ་འབྲུག་ཏུ་སྐུ་འཁྲུངས་ཤིང་།།
ལུགས་གཉིས་མཁྱེན་བརྩེའི་ཡོན་ཏན་དཔལ་མངའ་བའི།།
ཕུལ་བྱུང་མཛེས་མཛངས་གངས་ཅན་བུ་མོའི་རྒྱན།།
རྒྱལ་ཡུལ་རིན་ཆེན་གཡང་འཛོམས་ཀུན་ནས་རྒྱལ།།
མ་རིག་མུན་སེལ་རྒྱལ་དབང་རྣམ་གཉིས་ཀྱིས།།
བདེན་དྲང་ཉི་ཟླ་ཟུང་གི་འོད་སྣང་ལས།།
འཛམ་གླིང་མ་རིག་རྨོངས་པ་ཀུན་སེལ་ནས།།
ཞི་བདེའི་སྣང་བ་ས་གསུམ་ཁྱབ་གྱུར་ཅིག།
ཅེས་པ་འདི་ཡང་རབ་གནས་ས་ཕག་ཟླ་ཚེས་དགེ་བར་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་དང་འབྲུག་གི་ལྷ་ལྕམ་བུདྡྷ་ཏཱ་རས་ངོར་གང་ཤར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཕུལ་བར་དགེའོ།། །། སྤྱི་ལོ༢༠༡༩་ཟླ་བ་༡་ཚེས༡༨་ལ།