-
Welcome Hong Kong 2019
Hong Kong members and my students wished that I come and visit. Also, I like to come here to do practice of Four Roots every day. And on the special days we…
-
Urgen Drolma Lama’s 49 Days Prayer
Awam Tibet School conducted Urgen Tara Lama’s 49 Days Prayers with Tsok Offerings, led by Principal Khenpo Woseal. ཨོ་རྒྱན་ཏཱ་རའི་དགོངས་པ་ཡོངས་རྫོགས་སྨོན་ལམ་ཀུན་བཟང་ཞིང་གི་ཉི་མ།ཨེ་ཀྱེ་ཧོ།།དྲིན་གྱི་ཟླ་མེད་ཨོ་རྒྱན་ཏཱ་ར་ལ།།རྟེན་ཚོགས་བྱང་ཆུབ་སྒྲུབ་པའི་དགེ་བསྔོ་ལས།།འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་ལེགས་པར་གྲུབ།།འགྲོ་ཀུན་བདེ་ཆེན་ཞིང་དུ་འདྲེན་ནུས་ཤོག།ཕྱི་སྣོད་དག་པ་བཅོམ་ལྡན་སྣང་མཐའི་ཞིང་།།ནང་བཅུད་རྫོགས་པ་བདེ་བ་ཅན་གྱི་དཔལ།།གསང་བ་སྨིན་གྲོལ་ཀུན་བཟང་རྡོ་རྗེའི་དབྱིངས།།་་་་་་་་
-
Auspicious Prayers for Dungse Garab Rinpoche
Auspicious Prayer for H.E Dungse Garab Dorjee Rinpoche from Khenchen Lama Rinpoche ཨ་བུ་དགའ་རབ་རྡོ་རྗེ་རིན་པོ་ཆེ། ཨེ་མ་ཧོ། ཡར་མཁྱེན་རབ་ལ་རྟ་བདུན་དབང་པོ།། མར་བརྩེ་ཆེན་ལ་ཟླ་བ་གཞོན་ནུ།། བར་དཔལ་ཡོན་ལ་རྒྱུ་སྐར་བཞད་པ། གྲོགས་ཨ་བུ་ཉིད་སྙིང་གི་འོད་གསལ། སྟེང་གོང་མ་ལ་ངོ་དགའ་མ་འཁྲབས།། འོག་ཉམ་ཆུང་ལ་ཁྱད་བསད་མ་གནང་།། གྲལ་མཐོ་དམན་ལ་ཕྲག་དོགས་མ་བྱས།། བུ་རང་སྐྱེས་ལ་ངོ་སོ་བསྟོད་དོ།། ཆོས་སྲིད་ཞི་གཉིས་ཕྱོགས་མཐར་མ་ལྷུང་།། ལམ་གོང་འོག་ལ་ནོར་སོ་མ་ཤོར།། བློ་རྣམ་དཔྱོད་ལ་ལང་ཚོ་རྫོགས་པ།། ཕ་མེས་པོ་ལ་ཡིད་སྨོན་ཤོར་ཐལ།། ཨ་བུ་རིན་པོ་ཆེ་དགའ་རབ་རྡོ་རྗེ་ལ་ཤྲཱིཿཨེ་མ་ཧོས་ཨེ་ཏྲཾ་འབར་ནས་བགྱིས་པར་དགེའོ།། །།
-
Auspicious Prayers for Sangyumla Rinchen Yangzom
By H.E Khenchen Lama Rinpoche ༧རྒྱལ་དབང་ཀརྨ་པ་ཞྭ་དམར་ནག་གི་བདག་མོ་ལ་རང་བཞིན་བརྗོད་པ་ གངས་ཅན་བུ་མོའི་མཛེས་རྒྱན་ཡིད་བཞིན་ནོར་བུ། ན་མོ་གུ་རུ་ཀརྨ་ས་ཏྭ།། ཚོགས་གཉིས་སྨོན་ལམ་རྒྱ་མཚོའི་མཐར་ཕྱིན་ནས།། དོན་གཉིས་ཡིད་བཞིན་ནོར་བུའི་དཔལ་སྦྱིན་མ།། སྐུ་གཉིས་ཕྲིན་ལས་ཀུན་ཁྱབ་ཀུན་བཟང་མོ།། རྨད་བྱུང་ལྷུན་གྲུབ་འཁོར་འདས་དགེ་ལེགས་སྩོལ།། ཀུན་གཟིགས་སྣང་མཐའི་སྒྱུ་འཕྲུལ་ཞྭ་དམར་དང་།། སྤྱན་རས་གཟིགས་དབང་མཐའ་ཡས་རྡོ་རྗེ་དཔལ།། རྒྱལ་དབང་ཀརྨ་པ་ཞེས་ཡོངས་གྲགས་པའི།། དམར་ནག་ཞྭ་ཡི་བདག་མོ་རྒྱལ་གྱུར་ཅིག། ཆོས་ལྡན་སྦས་ཡུལ་འབྲུག་ཏུ་སྐུ་འཁྲུངས་ཤིང་།། ལུགས་གཉིས་མཁྱེན་བརྩེའི་ཡོན་ཏན་དཔལ་མངའ་བའི།། ཕུལ་བྱུང་མཛེས་མཛངས་གངས་ཅན་བུ་མོའི་རྒྱན།། རྒྱལ་ཡུལ་རིན་ཆེན་གཡང་འཛོམས་ཀུན་ནས་རྒྱལ།། མ་རིག་མུན་སེལ་རྒྱལ་དབང་རྣམ་གཉིས་ཀྱིས།། བདེན་དྲང་ཉི་ཟླ་ཟུང་གི་འོད་སྣང་ལས།། འཛམ་གླིང་མ་རིག་རྨོངས་པ་ཀུན་སེལ་ནས།། ཞི་བདེའི་སྣང་བ་ས་གསུམ་ཁྱབ་གྱུར་ཅིག། ཅེས་པ་འདི་ཡང་རབ་གནས་ས་ཕག་ཟླ་ཚེས་དགེ་བར་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་དང་འབྲུག་གི་ལྷ་ལྕམ་བུདྡྷ་ཏཱ་རས་ངོར་གང་ཤར་དུ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་ཕུལ་བར་དགེའོ།། །། སྤྱི་ལོ༢༠༡༩་ཟླ་བ་༡་ཚེས༡༨་ལ།
-
Auspicious Prayers for Mutso Khandro Rinpoche
Happy Birthday to H.H Mutso Khandro Rinpoche མཁའ་འགྲོ་ཡིད་བཞིན་ནོར་བུའི་ཞབས་བརྟན་གེ་སར་རྡོ་རྗེ་ཞེས་བྱ་བ། ན་མོ་གུ་རུ་བིརྱ་དྷཱ་ར་དྷརྨཱ་ཏཱ་ར་ཡེ།། ཆོས་དབྱིངས་རབ་འབྱམས་མཁའ་འགྲོ་རྒྱ་མཚོའི་དཔལ།། རྒྱལ་ཀུན་དགྱེས་པའི་སོར་རྟོག་ཡེ་ཤེས་ཉིད།། གསུང་གི་དབང་ཕྱུག་རིག་འཛིན་དབྱངས་ཅན་མས།། ཀུན་ཏུ་ཤིས་པའི་དགེ་ལེགས་དེང་འདིར་སྩོལ།། སྐྱེ་མེད་ཀུན་བཟང་ཆོས་སྐུའི་ཡུམ་ཆེན་མོ།། འགག་མེད་ལོངས་སྐུའི་རོལ་རྩལ་ཝ་ར་ཧི།། མཚུངས་མེད་སྤྲུལ་པའི་གར་མཁན་མཚོ་རྒྱལ་མ།། དབྱེར་མེད་ཌཱཀྐིའི་གཙོ་མོ་ཞབས་བརྟན་ཤོག། འཕགས་ཡུལ་མཁའ་འགྲོ་སྭ་ར་སྭཱ་སྟི་དང་།། རིག་འཛིན་སྲས་མོ་མི་འགྱུར་དཔལ་གྱི་སྒྲོན།། སྤྲུལ་པའི་མྱུ་གུ་མུ་མེད་ཡེ་ཤེས་མཚོ།། སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག། མུ༵་མེད་ཀུན་གསལ་མཉམ་པའི་ཕྲིན་ལས་དཔལ།། ཀུན་བཟང་མཛད་པ་རྒྱ་མཚོ༵འི་སྤྲིན་སྤྲོ་བའི།། རྒྱལ་ཀུན་ཡུམ་གྱུར་རྒྱལ་སྲས་དཔའ་མོ་རྗེ།། མཁའ་འགྲོ་ཡིད་བཞིན་ནོར་བུ་ཞབས་བརྟན་ཤོག། སྐུ་ཚེ་མི་ཤིགས་གཉུག་མ་རྡོ་རྗེའི་ཁམས།། གསུང་ཆོས་རྫོགས་པ་ཆེན་པོ་རྗེན་གཅེར་སྟོན།། ཐུགས་རྗེ་རིགས་ཀུན་ཁྱབ་བདག་མཁའ་འགྲོ་མའི།། དགོངས་དོན་མཐའ་དག་བདེ་མྱུར་ལྷུན་གྲུབ་ཤོག། ཅེས་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ངོའི་དགའ་བ་དང་པོར་ཨ་མ་ཨོ་རྒྱན་སྒྲོལ་མ་དང་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་སོགས་དམ་པ་དུ་མས་སྐུལ་བ་དང་རང་ཡང་མཁའ་འགྲོ་ཉིད་ལ་མི་ཕྱེད་དད་པས་ཀུན་ནས་སློང་སྟེ་གང་ཤར་དུ་མཁའ་འགྲོ་ཡིད་བཞིན་ནོར་བུའི་སྐུ་ཚེ་བརྟན་སྨོན་དུ་རིག་འཛིན་རྒྱལ་བའི་གྲལ་མཐའ་ལ་གནས་པའི་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དབྱིན་ཡུལ་ཨེ་ཝཾ་ཀུན་གསལ་ཆོས་གླིང་ནས་སྨོན་པར་དགེའོ།། །།
-
Happy Dharmapala Day
Today is Dharma Paladay! We did meditation and take care of Maha Garuda in Dzogchen Kalachakara retreat. མེད་གླུ་ཟབ་མདོའི་ཟློས་གར། ཨ་ཨ་ཨ།། ཆོས་དབྱིངས་ངོ་བོ་བདེན་གྲུབ་རྡུལ་ཙམ་མེད།། འོད་གསལ་རང་བཞིན་མ་དག་སྣང་བ་མེད།། སྤྲུལ་སྐུའི་ཐུགས་རྗེ་རྫུན་ཚིག་དྲི་མ་མེད།། མེད་གླུ་འདི་ལ་འཁྲུལ་བ་ཏིལ་ཙམ་མེད།། སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་ཕྱིན་མེད།། མཚན་ཉིད་མེད་དང་མ་སྐྱེས་མ་འགགས་མེད།། དྲི་མ་མེད་དང་དྲི་བ་གང་ཡང་མེད།། དུས་གསུམ་དུས་མེད་འཁོར་འདས་གཉིས་ཀ་མེད།། བླ་མ་རང་རིག་ཉིད་ལས་ལོག་ན་མེད།། ཡི་དམ་རྒྱལ་བ་འཁོར་བའི་ཀློང་ན་མེད།། མཁའ་འགྲོ་དྲན་ཤེས་སེམས་པའི་ཕྱི་ན་མེད།། ཆོས་སྐྱོང་ཕྱོགས་རིས་མཛད་པའི་རྣམ་ཐར་མེད།། དཔྱད་གསུམ་རྣམ་པར་དག་ན་གང་ཡང་མེད།།…