SEKHYUNG RACHEN WORLD PEACE STONE PILLAR

བསེ་ཁྱུང་དབྲའི་རྡོ་རིང་ཁམས་གསུམ་ཟིལ་གནོན། ༄༅།། ཨོཾ་ཨཱཿཧཱུྃ་ཧྲཱིཿབྷྲཱུྃ་ཁྲོཾ་ག་རུ་ཌ་སྭཱ་ཧཱ། ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།། དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།། འཇམ་དཔལ་ཡིད་བཞིན་ནོར་བུར་གསོལ་བ་འདེབས།། བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།། དེ་ཡང་ཇི་སྐད་དུ། འགག་དོག་མོ་གསུམ་ནི་དབྲ་ལ་ཐོབ།། དབྲ་དཔའ་རྩལ་ཆེ་བ་དེ་ནས་བྱུང་ཞེས་དང་། རྒྱ་བོད་ཡིག་ཚང་ཆེན་མོ་ལས།། མཐུ་ཆེན་དམ་ཚིག་མ་ཉམས་པ།། བསེ་ཁྱུང་དབྲ་ཡི་ངང་ཚུལ་ཡིན་ཞེས་དང་། དབུ་ནག་མིའུ་འདྲ་ཆགས་ལས། མཐུ་རྔ་བཤང་གི་སྒྲ་སྐད་མ་ཆད་པ།། མི་མཆོག་སྐྱེས་བུ་བསེ་ཁྱུང་དབྲ་ཞེས་པ་ལྟར། དབྲའི་རུས་རྒྱུད་དུ་འཁྲུངས་པ་མེས་དབོན་དམ་པ་བློན་ཆེན་མགར་སྟོང་བཙན་དང་། རྒྱལ་མོ་གཡུ་སྒྲ་སྙིང་པོ། གླིང་དབྲ་ཆེན་ཨ་རྒྱལ་མགོན་པོ་རྒྱལ་མཚན། ལོ་ཙཱ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས། རྗེ་བཙུན་མི་ལ་རས་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ། རྗེ་བཙུན་ཏཱ་ར་ནཱ་ཐ། དབྲ་སྲས་འཇའ་ལུས་པ་ཟླ་བ་གྲགས་པ། རྗེ་འགྲོ་བའི་མགོན་པོ་ཤེས་རབ་རྒྱལ་མཚན། དབྲ་སྤྲུལ་བློ་ལྡན་སྙིང་པོ། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོ། ཀརྨ་སྐུ་ཕྲེང་དགུ་བ་ཐེག་མཆོག་རྡོ་རྗེ། དབྲ་ཆེན་ཉི་མ་མགོན་པོ། མཁན་ཆེན་བྱ་བྲལ་བ་ཆོས་དབྱིངས་ཁྱབ་བརྡལ། ༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས། དབྲ་ཆེན་མཁན་པོ་བྱམས་པ་བཟང་པོ། མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེ་སོགས་ཁ་བ་རི་བའི་ལུགས་གཉིས་གསེར་གྱི་རྒྱལ་མཚན་དགུང་ལ་འདེགས་པའི་སྐྱེས་མཆོག་རླབས་པོ་ཆེ་དུ་མ་འཁྲུངས་པའི་རིགས། དབྲ་ཆེན་གྱི་རུས་རྒྱུད་དུ་གཏོགས་པ་སྤྱི་ཡོངས་ནས། དབྲ་ཆེན་གདུང་རྒྱུད་ཀྱི་རྗེས་དྲན་དབྲ་བསེ་ཁྱུང་ཁམས་གསུམ་ཟིལ་གནོན་གྱི་རྡོ་རིང་འདི་ཉིད་གསར་བཞེངས་ཞུས་པའི་མཐུ་ལས། དབྲའི་ཡབ་མེས་གོང་མ་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་། དབྲའི་མི་རྒྱུད་ཕྱི་མ་རྣམས་ཀྱི་ཚེ་ཆོས་མཐར་ཕྱིན་ཅིང་། བསོད་ནམས་དབང་ཐང་དང་ཁ་ལས་རླུང་རྟ་གོང་ནས་གོང་དུ་དར་བ་སོགས། ཆོས་སྲིད་ལུགས་གཉིས་ཀྱི་བྱ་བ་ཐམས་ཅད་ལམ་ལྷོང་གེགས་མེད་བདེ་མྱུར་མཐར་ཕྱིན་ཡོང་བར་གྱུར་ཅིག་གུ། ཤྲཱི་ག་རུ་ཌ་སརྦ་ལོ་ཀ་བི་ཛ་ཡནྟུ། དབྲ་ཆེན་གཉེན་ཚོགས་དང་དད་ལྡན་སྦྱིན་པའི་བདག་པོ་ཁྱུང་ཚང་གིས། མདོ་ཁམས་སྟག་དགོན་ལྷ་སྡེའི་གླིང་དཀར་དཔའ་བོའི་སྟག་འདུ་ཐང་དུ་རབ་གནས་མེ་བྱའི་སྣྲོན་ཟླའི་ཡར་ཚེས་བཅོ་ལྔ་པ། སྤྱི་ལོ་༢༠༡༧ ཟླ་ ༧ ཚེས་ ༧ལ།

Sekhyung Rachen World peace’s Stone Pillar

As it is said that Rha is brave due to Rha has got the three narrow places. And according to the <> (རྒྱ་བོད་ཡིག་ཚང་ཆེན་མོ་) “Sekyung Rha the great magician who does never break his pledge” and “Sekyung Rha the supreme human who does never stopped his magic power and the sound of his drum.” From <> (དབུ་ནང་མིའུ་འདྲ་ཆགས)

Therefore. We would mention few people who is belonging to this very unique and magnificent clan. They are Included the Gartontsen the great minister Tibetan King Sontsen Ghampo in 7th century and Yudra Ningpo, Agyal Gonpo Gyaltsen, the famous translator (Lotsawa) Malpa Choe Kye Lodro, the only one and the greatest mediator or Yogi Melarapa, the great Siddha Tang Tong Gyalpo, Tara Natha Jonang, the son of the Rha Dawa Dakpa who transfigured psycho-organism, Serab Gyaltsen the great scholar of bon religion, Lodhen Nipo, Je Tsong Kka Pa Lobzang Dakpa the famous scholar of the Gelug Pa, the 9th Karmapa Thigchok dorjee, Nimagonpo, Choeyang Chabdar, Kunkhyen Lama Tsultrim Lodro, Khenpo Shmapa Zangpo, Kenchen lama palgyepa Dorfee. Who hosted the golden victory banner of the two ways (choes lugs, ‘jig rten lugs) of the snow land.

The power of building this Stone Pillar to remembrance by all the people who is born to the great clan of World peace RhaChen may fulfill the mission of our ancestors and may also bring successes and fortunate to the next generation.

By the gathering of Rhachen relatives and the faithful sponsor Keng’s family. In Dokham Tagduthang on 7th July 2017